2013.3.4 ཉིན་བཟོ་བཅོས་གསུམ་པ་བརྒྱབ།
མཆན། ཉིས་རྩེག་ཅེས་པ་ནི་ཕ་ཡུལ་གྱི་ལུག་ཁྱུ་འདེད་སའི་རི་ལམ་ཉག་ཅིག་གོ།
编辑排版:阿克卓巴
རང་གཞན་གཉི་གའི་ཆེད་དུ་ཇུས་འགོད་ཡག་མོ་བྱའོ།།
ཚེ་རིང་བཀྲ་ཤིས། པིར་མིང་ལ་རུས་པ། 1975ལོར་མཚོ་ལྷོ་མང་རྫོང་བྱ་མདོ་ཆོས་ཚ་སྡེ་བ་རུ་སྐྱེས། 2013ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ནས《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》ཞེས་པའི་བསླབས་གནས་དཔྱད་རྩོམ་ལ་དམ་བཅའ་བཞག་སྟེ་རྩོམ་རིག་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་བྱ་བ་སྒྲུབ་བཞིན་མཆིས། ལས་ཞོར་དུ་གསར་རྩོམ་བྱས་པའི་རླུང་འཕྲིན་འཁྲབ་གཞུང《པ་སངས་ཀྱི་རྨི་ལམ》དང《གསར་འགོད་པ་ཞིག་གི་ཉིན་བཅུའི་ཟིན་ཐོ》《གྲོང་ཁྱེར་གྱི་འཚོ་བ》《མཛེས་པའི་ཡུལ་གྲོང་བྲག་དམར་སྡེ་བ》《གཅེས་ཕྲུག》བཅས་བསྡོམས་པས་འཁྲབ་གཞུང་དྲུག་ལ་ཞིང་ལྗོངས་ལྔའི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུའི་སྟེང་སོ་སོར་བྱ་དགའ་གཟེངས་གྲས་ཐོབ། སྙན་ངག་བརྩམས་ཆོས་ཡག་ཤོས་ལ《མཐའ་མཇུག་གི་རྩྭ་ཐང་དང་དེའི་རྫི་བོ》《བུ་ལ་གནང་བའི་སྙན་ངག》《རྡོ་ལས་བཞད་པའི་ལྷ་ས》 《དབྱངས》 སོགས་ལས་གཞན། ༢༠༡༩ལོར་སྙན་དེབ་ཐོག་མ《རྡོ་ལས་བཞད་པའི་ལྷ་ས》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།༼ཕྲེང་བསྟར་ནང་དོན་འདིས་སྙན་ངག་པ་དག་ལ་བསྒུགས་ཏེ་ཡོད།༽